Sambhāradvaya
Basic Meaning
the two accumulations of merit and wisdom
Discussion of the term
the two accumulations refers to two sets of things that need to be gathered together in order to progress along the path to enlightenment. The two accumulations referred to here are teh accumulation of merit and the accumulation of wisdom
| Term Variations | |
| Key Term | Sambhāradvaya |
|---|---|
| Topic Variation | sambhāradvaya |
| Tibetan | ཚོགས་གཉིས་ ( tsok nyi) |
| Wylie Transliteration | tshogs gnyis ( tsok nyi) |
| Devanagari Sanskrit | सम्भारद्वय |
| Romanized Sanskrit | sambhāradvaya |
| Buddha-nature Site Standard English | two accumulations |
| Richard Barron's English Term | two accumulations/ stores |
| Dan Martin's English Term | the two accumulations |
| Ives Waldo's English Term | two accumulations of merit and wisdom |
| Term Information | |
| Source Language | Sanskrit |
| Basic Meaning | the two accumulations of merit and wisdom |
| Further Explanation | the two accumulations refers to two sets of things that need to be gathered together in order to progress along the path to enlightenment. The two accumulations referred to here are teh accumulation of merit and the accumulation of wisdom |
| Related Terms | the accumulation of merit, the accumulation of wisdom |
| Term Type | Noun |
| Definitions | |
| Rangjung Yeshe Dictionary | the two accumulations (of merit and wisdom); two accumulations/ stores; two provisions / gatherings. merit བསོད་ནམས་ཀྱི་ཚོགས་ and wisdom ཡེ་ཤེས་ཀྱི་ཚོགས་
two accumulations. The accumulation of merit with concepts and the accumulation of wisdom beyond concepts |
| Tshig mdzod Chen mo | བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས། |
| Dung dkar Tshig mdzod Chen mo | སངས་རྒྱས་ཆོས་ལུགས་ཀྱི་གཞུང་སྤྱིའི་བཤད་སྲོལ་ལ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་ཟེར་ཞིང་། བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་གཏང་བ་དང་ཚུལ་ཁྲིམས་སྲུང་བ་ལྟ་བུ་དང་། ཡེ་ཤེས་ཀྱི་ཚོགས་ནི་ཏིང་ངེ་འཛིན་སྒོམ་པ་དང་། སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་པ་ལྟ་བུ་སྟེ། དེ་ཡང་ཞིབ་ཙམ་ཞུས་ན་ཆོས་གཟུགས་ཀྱི་སྐུ་གཉིས་སྒྲུབ་པའི་ཐབས་སུ་གྱུར་པའི་དགེ་བ་དང་ཐབས་དང་ཤེས་རབ་ཅི་རིགས་ཀྱིས་བསྡུས་པ་ནི་ཚོགས་ཀྱི་རང་བཞིན་ཡིན་ནོ། ། དེ་ལ་དབྱེ་ན་བསོད་ནམས་ཀྱི་(༦༥༣) ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སོ། ། བསོད་ནམས་ཀྱི་ཚོགས་ནི་མཆོད་སྦྱིན་ལ་སོགས་པ་འབྲས་བུ་སངས་རྒྱས་ཀྱི་གཟུགས་སྐུ་སྒྲུབ་བྱེད་ཀྱི་དཀར་པོ་དགེ་བའི་ལས་དེ་ཡིན་དེ་ཡང་རང་རྒྱུད་སྨིན་པར་བྱེད་པའི་ཕར་ཕྱིན་དྲུག་ལས་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་དང་སངས་རྒྱས་ཀྱི་གཟུགས་སྐུ་སྟེ་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་སྒྲུབ་བྱེད་ཀྱི་རྒྱུའོ། ། ཇི་སྐད་དུ་དབུ་མ་འཇུག་པར་སྦྱིན་སོགས་ཆོས་གསུམ་འདི་དག་ཕལ་མོ། ། བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། ། བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་ཉིད་དེ། ། སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། ། ཞེས་གསུངས་པ་ལྟར་རོ། ། ཡེ་ཤེས་ཀྱི་ཚོགས་ནི་སྟོང་ཉི་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པའི་འབྲས་བུ་ཡེ་ཤེས་ཆོས་སྐུ་ཐོབ་པར་བྱེད་པའི་ཟག་མེད་དགེ་བའི་ཚོགས་དེ་ཡིན་དེ་ཡང་རང་རྒྱུད་སྨིན་པར་བྱེད་པའི་ཕར་ཕྱིན་དྲུག་ལས་བསམ་གཏན་དང་ཤེས་རབ་གཉིས་ཡིན་ཡེ་ཤེས་ཀྱི་ཚོགས་དང་སངས་རྒྱས་ཀྱི་ཆོས་སྐུ་སྟེ་ཡེ་ཤེས་ཆོས་སྐུ་དང་ངོ་བོ་ཉིད་སྐུ་གཉིས་སྒྲུབ་བྱེད་ཀྱི་རྒྱུའོ། ། ཇི་སྐད་དུ་(རིན་ཆེན་ཕྲེང་བ་)ལས་སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་པྶཀུ། ། བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། ། ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། ། རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། ། དེ་ལྟ་བས་ན་ཚོགས་འདི་གཉིས་སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། ། ཞེས་གསུངས་པ་ལྟར་རོ། ། ཕར་ཕྱིན་དྲུག་ལ་བརྩོན་འགྲུས་ནི་བསོད་ནམས་དང་ཡ་ཤེས་ཀྱི་ཚོགས་གཉིས་ཀའི་རྒྱུ་ཡིན་ཏེ་དབུ་མ་འཇུག་པར་)ཡོན་ཏན་ཐམས་ཅད་བརྩོན་འགྲུས་རྗེས་འགྲོ་བཞིན། ། བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། ། ཞེས་གསུངས་རྒྱུ་ཚོགས་གཉིས་བསགས་པས་འབྲས་པུ་སྐུ་གཉིས་སུ་གྲངས་ངེས་པ་ཡིན་ཚོགས་འདི་གཉིས་མ་རྫོགས་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་ཐོབ་པའི་ཐབས་མེད་དེ་བཞིན་དུ་ཚོགས་གཉིས་ཡོངས་སུ་མ་རྫོགས་པར་སྟོང་པ་ཉིད་ཀྱི་ནོར་མ་ནོར་བ་དེ་ཡང་རྒྱུད་ལ་སྐྱེ་མི་ནུས་ཏེ་མདོ་ལས་ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པ། ། དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། ། ཅེས་གསུངས་སོ། |